五年级上 藏文 富人偷东西.pptVIP

  1. 1、有哪些信誉好的足球投注网站(book118)网站文档一经付费(服务费),不意味着购买了该文档的版权,仅供个人/单位学习、研究之用,不得用于商业用途,未经授权,严禁复制、发行、汇编、翻译或者网络传播等,侵权必究。。
  2. 2、本站所有内容均由合作方或网友上传,本站不对文档的完整性、权威性及其观点立场正确性做任何保证或承诺!文档内容仅供研究参考,付费前请自行鉴别。如您付费,意味着您自己接受本站规则且自行承担风险,本站不退款、不进行额外附加服务;查看《如何避免下载的几个坑》。如果您已付费下载过本站文档,您可以点击 这里二次下载
  3. 3、如文档侵犯商业秘密、侵犯著作权、侵犯人身权等,请点击“版权申诉”(推荐),也可以打举报电话:400-050-0827(电话支持时间:9:00-18:30)。
  4. 4、该文档为VIP文档,如果想要下载,成为VIP会员后,下载免费。
  5. 5、成为VIP后,下载本文档将扣除1次下载权益。下载后,不支持退款、换文档。如有疑问请联系我们
  6. 6、成为VIP后,您将拥有八大权益,权益包括:VIP文档下载权益、阅读免打扰、文档格式转换、高级专利检索、专属身份标志、高级客服、多端互通、版权登记。
  7. 7、VIP文档为合作方或网友上传,每下载1次, 网站将根据用户上传文档的质量评分、类型等,对文档贡献者给予高额补贴、流量扶持。如果你也想贡献VIP文档。上传文档
查看更多
五年级上 藏文 富人偷东西

ཞོགས་པ་བདེ་ལེགས། སྔོན་འགྲོའི་ཚད་འཇལ། ༡ ཕྱུག་དང་ཕྱུགས་གཉིས་ཀྱི་ཁྱད་པར་ཅི། ༢ རྐུ་ཞེས་པའི་དོན་ཅི། ༣ ཕྱུག་པོ་ཡི་དོན་ལྡོག་པའི་ཡི་གེ་གང་ཡིན། ཕྱུག་པོས་རྐུ་བྱས་པ སློབ་ཚན་གྱི་ཁ་བྱང་། ཕྱུག་པོས་རྐུ་བྱས་པ། སློབ་ཁྲིད་བྱ་ཡུལ། ལྔ་གཅིག་འཛིན་གྲྭ སློབ་ཁྲིད་བྱེད་མཁན། ལྕགས་མོ་རྒྱལ། དམིགས་ཚད་ངོ་སྤྲོད། གཅིག སློབ་ཚན་གྱེར་ཀློག་བྱེད་ཐུབ་པའི་རྨང་གཞིའི་སྟེང་དུ་གཏམ་རྒྱུད་འདི་རང་ཉིད་ཀྱི་སྐད་ཆའི་སྟེང་ནས་གཞན་ལ་བཤད་ཐུབ་དགོས། གཉིས སློབ་ཚན་འདིར་གོ་བ་ལོན་པའི་རྨང་གཞིའི་སྟེང་དེ་ལས་བསྟན་པའི་གནས་ལུགས་ལག་ལེན་བྱེད་ཐུབ་པ་བྱ་རྒྱུ།(གཙོ། དཀའ།) ཀ སློབ་ཚན་འདི་གང་ནས་བདམས་པ་ཡིན། ཀ བུ་ཆུང་དེ་མི་ཇི་ལྟ་བུ་ཞིག་རེད། ལན། རིག་པ་གསལ་བའི་མི་ཡ་རབས་ཚུལ་ལྡན་ཞིག་རེད། ཀ ཕྱུག་པོ་དེ་མི་ཇི་ལྟ་བུ་ཞིག་རེད། ལན། གཡོ་སྒྱུ་ཅན་ཞིག་རེད། ཀ ཕྱུག་པོ་དེ་ཇི་ལྟར་ཕྱུག་པོར་གྱུར་བ་རེད། ལན། རྐུས་བྱས་ཏེ་ཕྱུག་པོར་གྱུར་བ་རེད། འཚོལ་དཔྱོད་གསེར་གྱི་ལྡེ་མིག ལན། མི་རོ་རྩེ་སྒྲུང་ལས་བདམས་པ་ཡིན། ༡.ཚན་པ་དང་པོ། གཏམ་རྒྱུད་བྱུང་བའི་དུས་ཚོད་དང་མི་སྣ། འཚོ་བ་བཅས་ངོ་སྤྲོད་རགས་ཙམ་བྱས་ཡོད། ཀ ཕྱུག་པོས་བུ་ཆུང་ལ་ཤག་པོ་སྒྲིག་དོན་ཅི་ཡིན། ལན། བརྐུ་བྱེད་འདོད་པ་རེད། ཀ བུ་ཆུང་གིས་ཕྱུག་པོ་དེར་ཇི་ལྟར་མགྲོན་བསུ་བྱས་པ་རེད། ལན། འཚམས་རྟགས་ལ་དོང་ཙེ་བྱིན་ནས་བསུས་པ་རེད། ཀ བུ་ཆུང་གིས་ཕྱུག་པོ་དེ་ཇི་ལྟར་བརྐུས་ལ་བཀུགས་པ་རེད། ལན། ཁྲོ་ཆག་བཏུས་ནས་དོང་ཙེ་ཡིན་ཁུལ་བྱས་ཏེ་བཀུགས་པ་རེད། ༢.ཚན་པ་གཉིས་པ། གཡོ་སྒྱུ་ཧམ་སེམས་ཆེ་བའི་ཕྱུག་པོ་དེ་བུ་ཆུང་ལ་ཤག་པོ་སྒྲིག་ནས་བུ་ཆུང་གི་ཁྱིམ་དུ་ཕེབས་པ་དང་། བུ་ཆུང་གིས་ཕྱུག་པོའི་ཧམ་སེམས་བེད་སྤྱད་ནས་རང་ཁྱིམ་དུ་རྐུ་ལ་བཀུགས་པ་བརྗོད་ཡོད། ཀ བུ་ཆུང་གིས་ཕྱུག་པོ་རྐུན་མ་དེའི་བྱ་སྤྱོད་ངན་ པ་ཇི་ལྟར་མཚང་འབྱིན་བྱས་པ་རེད། ལན། བུ་ཆུང་གིས་བློ་རིག་ལ་བརྟེན་ནས་ཕྱུག་པོ་གཡོ་ཁྲམ་ཅན་དེ་རང་ཁྱིམ་དུ་རྐུ་ལ་བཀུགས་ནས་བཟུང་སྟེ་ཆད་པ་བཅད་པ་དང་ཕྱིན་ཆད་ཀྱང་རྐུ་མི་བྱེད་པར་དམ་བཅའ་འཇོག་ཏུ་བཅུག་པ་རེད། ༣.ཚན་པ་གསུམ་པ། བུ་ཆུང་གིས་བློ་དང་ཐབས་ལ་བརྟེན་ནས་ཕྱུག་པོ་རྐུན་མ་དེ་བཟུང་སྟེ་ཆད་པ་བཅད་པ་དང་ཕྱིན་ཆད་ཀྱང་རྐུ་མི་བྱེད་པར་དམ་བཅའ་འཇོག་ཏུ་བཅུག་པ་བརྗོད་ཡོད། དོགས་པ་འདྲེན་པའི་ལྕགས་ཀྱུ། ༡དོན་ངོ་མར་ཅི་འདྲ་ཞིག་ཡིན་ན་ཕྱུག་པོ་ཡིན། བརྗོད་བྱ་གཙོ་བོ། འདིར་ཕྱུག་པོ་གཡོ་སྒྱུ་ཅན་ཞིག་གིས་རྐུས་བྱས་པའི་གཏམ་རྒྱུད་བརྗོད་དེ། གཡོ་སྒྱུའི་བྱ་ངན་གང་དང་གང་བརྩམས་ཀྱང

文档评论(0)

asd522513656 + 关注
实名认证
文档贡献者

该用户很懒,什么也没介绍

1亿VIP精品文档

相关文档