- 1、本文档共18页,可阅读全部内容。
- 2、有哪些信誉好的足球投注网站(book118)网站文档一经付费(服务费),不意味着购买了该文档的版权,仅供个人/单位学习、研究之用,不得用于商业用途,未经授权,严禁复制、发行、汇编、翻译或者网络传播等,侵权必究。
- 3、本站所有内容均由合作方或网友上传,本站不对文档的完整性、权威性及其观点立场正确性做任何保证或承诺!文档内容仅供研究参考,付费前请自行鉴别。如您付费,意味着您自己接受本站规则且自行承担风险,本站不退款、不进行额外附加服务;查看《如何避免下载的几个坑》。如果您已付费下载过本站文档,您可以点击 这里二次下载。
- 4、如文档侵犯商业秘密、侵犯著作权、侵犯人身权等,请点击“版权申诉”(推荐),也可以打举报电话:400-050-0827(电话支持时间:9:00-18:30)。
查看更多
༄༅།།ཚིག་རྒྱན་རིག་པའི་ཤེས་བྱ།
གཅིག སྔོན་འགྲོ་ཤེས་བྱ།
༡ཅི་ཞིག་ལ་སྙན་ངག་ཟེར།
བརྗོད་བྱའི་དོན་གསལ་ཞིང་རྗོད་བྱེད་ཀྱི་ཚིག་རྣ་བར་སྙན་ཞིང་འཇེབས་པའི་ཚིག་སྦྱོར་ཡིད་དུ་འོང་བ་ཞིག་ལ་སྙན་ངག་ཟེར་བ་ཡིན།
༢སྙན་ངག་མེ་ལོང་མ་མཛད་པ་པོ་སློབ་དཔོན་དབྱུག་པ་ཅན་ནི་དུས་རབས་གང་གི་ནང་དུ་བྱོན་པ་ཡིན།
བཞེད་པ་མི་མཐུན་པ་མང་ཡང་དུས་རབས་བདུན་པའི་ནང་དུ་བྱོན་པ་སྟེ་སྲོང་བཙན་སྒམ་པོ་དང་དུས་མཉམ་པ་གཙིགས་སྙམ་མོ།།
༣སྙན་ངག་མེ་ལོང་མ་བོད་དུ་ནམ་དར་བ་དང་ཚུལ་ཇི་ལྟར་བ་ཡིན།
དུས་རབས་བཅུ་གཉིས་དང་བཅུ་གསུམ་གྱི་ནང་དུ་ས་པཎ་གྱིས་མཁས་འཇུག་གི་ནང་དུ་ཐོར་རེ་ལོང་ངེ་ཞིག་བསྒྱུར།རྗེས་སུ་འགྲོ་མགོན་འཕགས་པའི་སྐུ་རིང་ལ་ས་སྐྱའི་གཙུག་ལག་ཁང་དུ་པཎྡི་ཏ་ལཀྀམ་ཀ་ར་དང་ལོ་ཙྰ་བ་རྡོ་རྗེ་རྒྱན་མཚན་གཉིས་ཀྱིས་གཞུང་རྫོགས་པར་བསྒྱུར།དཔང་ལོ་ཙྰ་བས་འཆད་ཉན་གྱི་སྒོ་ནས་རྒྱ་ཆེར་སྤེལ་བ་ཡིན།
༤སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་གི་གཞུང་ལ་སྙན་ངག་མེ་ལོང་མ་ཞེས་པའི་མཚན་དེ་གང་ལ་བརྟེན་ནས་བཏགས་པ་ཡིན།
བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་དང་རྗོད་ཚིག་བཅད་ལྷུག་སྤེལ་མ་གསུམ་དུ་དབྱེ་བ་ལུས་དང་།ཐུན་མོང་དང་ཐུན་མོང་མ་ཡིན་པས་བསྡུས་པའི་རྒྱན་གྱི་བྱེ་བྲག་མཐས་ཡས་པའི་སྙན་ངག་གང་ཞིག་བསྟན་བཅོས་འདི་ཉིད་ཀྱི་ནང་དུ་གསལ་བར་འཆར་བས་མེ་ལོང་སྟེ།འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའོ།།
༥སྙན་ངག་མེ་ལོང་མ་མ་དར་བའི་སྔོན་དུ་བོད་དུ་སྙན་ངག་ཡོད་དམ་མེད།
བོད་དུ་སྙན་ངག་མེ་ལོང་མ་མ་དར་བའི་སྔོན་དུ་སྙན་ངག་གི་གཞུང་མེད་པ་མ་གཏོགས་སྙན་ངག་མེད་པ་མ་ཡིན་ཏེ།སློབ་དཔོན་ཐོན་མིས་ཆོས་རྒྱལ་སྲོང་བཙན་སྒམ་པོར་ཕུལ་བའི་ཡིག་ཕུད་དང་གཞས་དང་མགུར་གླུ་སོགས་ཀྱི་ཚིག་སྦྱོར་སྙན་ཞིང་འཇེབས་པ་ཅན་ཤིན་ཏུ་མང་བོ་ཡོད་དོ།།
༦སྙན་ངག་དང་སྙན་ངག་གི་གཞུང་གཉིས་ལ་ཁྱད་པར་ཡོད་དམ་མེད།
སྤྱིར་སྙན་ངག་དང་སྙན་ངག་གི་གཞུང་གཉིས་ལ་ཁྱད་པར་ཡོད་དེ།སྙན་ངག་སྨྲ་བ་རྣམས་ཀྱིས་འདི་ལ་མུ་བཞི་འབྱེད་སྲོལ་ཡོད་པའི་ཕྱིར།དེ་ཡང་།སྙན་ངག་ཡིན་ལ་སྙན་ངག་གི་གཞུང་མ་ཡིན་པ་དཔག་བསམ་འཁྲི་ཤིང་ལྟ་བུ།སྙན་ངག་གི་གཞུང་ཡིན་ལ་སྙན་ངག་མ་ཡིན་པ་སྙན་ངག་མེ་ལོང་མ་ལྟ་བུ།གཉིས་ཀ་ཡིན་པ་དབྱངས་ཅན་དགྱེས་གླུ་ལྟ་བུ།གཉིས་ཀ་མ་ཡིན་པ་སུམ་རྟགས་ཀྱི་གཞུང་ལྟ་བུའོ།།
༧བོད་དུ་སྙན་ངག་གྲགས་ཅན་གང་དག་ཡོད།
རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱི་སྙན་འགྲེལ
རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་སྙན་འགྲེལ
བོད་མཁས་པའི་སྙན་འགྲེལ
འབྲུག་ཁམས་པའི་སྙན་འགྲེལ
འཇུ་མི་ཕམ་པའི་སྙན་འགྲེལ
༩སྙན་ངག་མེ་ལོང་མའི་གཞུང་འདི་དོན་དུ་ཡིས་བསྡུས་ཡོད།
གཉིས།སྔར་ཁྲིད་བསྐྱར་སྦྱོང་
文档评论(0)